༄༅། །ཧཱུཾ། དུས་གསུམ་བདེ་གཤེགས་ཀུན་གྱི་འཕྲིན་ལས་ནི། །འཇིགས་ རུང་སྲིན་པོ་ཁྲོས་པའི་སྐུར་སྟོན་པ། །བེང་ཆེན་ལྕམ་དྲལ་འཁོར་ཚོགས་རྒྱ་མཚོར་བཅས། །འདིར་གཤེགས་འཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང། །བདུད་རྩིའི་གསེར་ སྐྱེམས་ཤ་ཁྲག་གཏོར་མའི་ཚོགས། །ས་དང་བར་སྣང་ནམ་མཁའི་ཁྱོན་བཀང་སྟེ། །ལེགས་ལྡན་ནག་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་བ་ཀུན་གྱི་གཙོ། །རྣལ་འབྱོར་དམ་ཚིག་ལྡན་པའི་གཉེན། ། བསྟེན་པ་ཙམ་གྱིས་ཅི་འདོད་པའི། །མཆོག་སྩོལ་མགོན་པོ་ཁྱོད་ལ་བསྟོད། ཅེས་པའང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་པའོ།། །།